【两会会客厅】江吉村:发展好藏医药是一件利国利民的事

2018-03-13 16:12:00 康巴卫视网
字号大

  འཆི་མེད་དབང་མོ། གཟིགས་མོ་བ་ལྷན་རྒྱས་ཁྱེད་རྣམ་པ་སྐུ་ཁམས་བཟང་། དེ་རིང་གི་ཚོགས་ཆེན་གཉིས་ཀྱི་ཁ་བརྡ་ལ་གསན་གཟིགས་གནང་བ་ལ་དགའ་བསུ་ཞུ། དེ་རིང་ང་ཚོས་སྒྲོག་གཏོང་ཁང་དུ་གདན་འདྲེན་ཞུ་བའི་སྐུ་མགྲོན་ནི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་གཉའ་རྒྱལ་མཚན་ལགས་རེད། ཁྱེད་རང་ཕེབས་པར་དགའ་བསུ་ཞུ། 

  启米翁姆:各位观众大家好!欢迎大家观看今天的两会会客厅。今天我们邀请的嘉宾是全国人大代表、四川省甘孜州藏医院的江吉村副院长,欢迎您来到我们的演播室。 

  གཉའ་རྒྱལ་མཚན། ལགས་སོ། 

  江吉村:谢谢! 

  འཆི་མེད་དབང་མོ། ཁྱེད་རང་ཡིན་ན་ང་ཚོའི་མི་རིགས་ས་ཁུལ་གྱི་བོད་སྨན་ལས་སྒྲུབ་པ་ཞིག་རེད། དེ་ན་ཚོགས་ཆེན་གཉིས་ཀྱི་སྐབས་ལ་དོ་སྣང་བྱས་ས་གཙོ་བོ་དེ་ཅི་ཞིག་ཡིན། 

  启米翁姆:您是我们民族地区的藏医从业者,那么在两会期间您的主要关注点是什么? 

  གཉའ་རྒྱལ་མཚན། ང་རང་གིས་དོ་སྣང་བྱས་ས་གཙོ་བོ་དེ་མི་རིགས་ས་ཆའི་འཛུགས་སྐྲུན་དེ་ཡིན། དེ་ཡི་ནང་གི་གཙོ་བོ་རྒྱལ་ཁབ་ཀྱིས་བོད་ཀྱི་རིག་གནས་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན། ལྷག་པར་དུ་ཀྲུང་གོའི་གསོ་ལུགས་ལ་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་དགོས། འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས་རྒྱུ་དེ་བསམ་བཞིན་ཡོད། ཀྲུང་ལུགས་རིགས་ཟེར་ན་འགྲིག་གི ང་ཚོའི་བོད་ལུགས་གསོ་རིག་དང་གཅིག རྒྱ་ནག་གསོ་རིག་དང་གཉིས། གཞན་གྲངས་ཉུང་མི་རིགས་ཚང་མའི་གསོ་རིག་དེ་ཀྲུང་ལུགས་གསོ་རིག་ནང་དུ་འདུས་ཡོད་པ་རེད། དེ་འདྲ་ཡིན་ཙམ་ཀྲུང་ལུགས་གསོ་རིག་ལ་རྒྱབ་སྐྱོར་ཐོབ་ན་ང་ལྟ་བུ་ཡིན་ན་ཧ་ཅང་གི་དགའ་མོས་ཡོད། 

  江吉村:我的主要的关注点是民族地区的发展,进一步加大传承、发展藏族文化的力度,特别是希望国家要支持中医事业的传承和发展。所谓中医包括汉族以及藏族等少数民族的医学,若能更好地发展中医是一件很好的事。 

微信图片_20180313122404.jpg

  འཆི་མེད་དབང་མོ། ཁྱེད་ཉིད་ཡིན་ན་ད་ལོ་གསར་དུ་བདམས་ཐོན་བྱུང་བའི་འཐུས་མི་ཞིག་རེད། དེ་ན་ཚོགས་ཆེན་འདི་ལ་ཞུགས་པའི་སྐབས་སུ་ལས་དོན་སྐོར་གྱི་གྲོས་གཞི་བཏོན་ཨེ་ཡོད། 

  启米翁姆:您是今年新当选的代表,那么您参加这次会议有没有向大会提交相关建议 

  གཉའ་རྒྱལ་མཚན། སི་ཁྲོན་ནས་བོད་སྨན་ཁང་རིམ་པ་མཐོ་ཤོས་ཤིག་འཛུགས་ཐུབ་ན། སྔོན་ཆད་ཡིན་ན་དེ་འདྲའི་རེ་བ་ཡོད། ད་ལྟ་ཡིན་ན་ཚོགས་ཆེན་འདི་འཚོགས་པའི་སྒང་ལ་དམིགས་གསལ་གྱིས་རེ་བ་འདི་ཇེ་ཆེ་ནས་ཇེ་ཆེ་རེད། ལོ་ཁ་ཤས་སྔོན་ལ་སི་ཁྲོན་ནས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཀྱི་ཚོགས་འདུའི་ཐོག་ལའང་དེ་འདྲའི་གྲོས་མོལ་བྱས་ཡོད། དེ་མ་ཟད་སི་ཁྲོན་སྲིད་གཞུང་གིས་ཀྱང་འདི་ལ་རྒྱབ་སྐྱོར་བྱས་ཡོད། གཞན་སི་ཁྲོན་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དང་འཕྲོད་བསྟེན་ཐིང་སོགས་ཀྱིས་ཀྱང་འདི་ལ་རྒྱབ་སྐྱོར་བྱས་པ་རེད། 

  江吉村:希望在四川建立一所省级藏医医院。以前有这样的愿望,而且趁这次两会时机,这种愿望更加强烈。前几年在四川省的人大、政协会议期间也讨论过此事,省政府也是相当支持,包括四川省中医管理局、四川省卫生厅都支持。 

  འཆི་མེད་དབང་མོ། གྲོས་གཞི་འདི་འདྲ་ཞིག་བཏོན་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཅི་ཡིན། 

  启米翁姆: 提出这个建议的主要目的是什么? 

  གཉའ་རྒྱལ་མཚན། དཔེ་བལྟ་ས་ཞིག་ཅི་ཡོད་ཟེར་ན། མཚོ་སྔོན་ན་ཞིང་ཆེན་བོད་ལུགས་སྨན་ཁང་ཡོད་ལ། ལྷ་སར་ན་ཡང་བོད་ལྗོངས་སྨན་རྩིས་ཁང་དང་ཞིང་ཆེན་རིམ་པའི་སྨན་ཁང་བཅས་ཡོད། དེ་གཉིས་ལས་ང་ཚོས་མིག་གིས་མཐོང་ཐུབ་པ་ནི་མི་རིགས་ཀྱི་གསོ་རིག་གི་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། ཞིང་ཆེན་སོ་སོའི་གསོ་རིག་གོང་འཕེལ་གཏོང་རྒྱུ་ཐད་ལ་ཞིང་ཆེན་རིམ་པའི་ལས་ཁུངས་ཤིག་ཡོད་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་རེད། ཞིང་ཆེན་བོད་སྨན་ཁང་ཞིག་བཙུགས་ཐུབ་ན། ཀྲུང་ལུགས་གསོ་རིག་ཡིན་ན་འདྲ། བོད་ལུགས་ཡིན་ན་ནད་ལ་བསྟེན་རྒྱུ་རྐྱང་རྐྱང་མ་ཡིན་པར། ཁོང་གིས་ང་ཚོའི་ཁུལ་སྨན་ཁང་དང་རྫོང་སྨན་ཁང་སོགས་ཀྱི་རིག་གནས་དང་ལག་རྩལ་ཐོག་ལ་མཛུབ་སྟོན་བྱ་རྒྱུ་དེ་གཙོ་བོ་རེད། གཉིས་ནས་ང་ཚོའི་བོད་སྨན་ཁང་དེ་རྒྱ་ནག་ནས་འཛུགས་དགོས་རྒྱུ་དེ་རིགས་སོ་སོའི་མང་ཚོགས་ཀྱི་རེ་བ་རེད། ལོ་བཅུ་ཕྲག་ཁ་ཤས་སྔོན་དུ། རྒྱ་ནག་གི་ནད་པ་མང་པོ་ཞིག་ང་ཚོའི་བོད་རིགས་ས་ཆར་ཡར་ཡོང་ནས་བོད་སྨན་ལ་བསྟེན་གྱི་ཡོད། ཁྲེང་ཏུའུ་ལྟ་བུར་བོད་སྨན་ཁང་ཞིག་འཛུགས་ཐུབ་ན་རྒྱ་ནག་གི་ནད་པ་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་ཡོད་པ་དེ་རེད། 

  江吉村:这方面有很好的例子,目前青海有省级藏医院,西藏也有,从这两家省级藏医院我们所能看到的是对培养民族医药人才以及所在省的医学发展起到了积极的作用。作为一家省级医院,不仅仅是为了给当地群众看病。一是要对州、县级医院提供技术指导和培养人才;二是建立省级藏医院是各族群众的共同意愿,其他民族的很多患者都很认可藏医,但平时他们只能千里迢迢来到藏区看病。因此,如果在成都能够建立藏医院也会给当地群众带来便利。 

微信图片_20180312165753.jpg

  མེད་དབང་མོ། ང་ཚོ་ད་ལྟའི་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བའི་ཕྱིའི་ཁོར་ཡུག་དང་སྲིད་ཇུས་གནས་བབ་ཅི་འདྲ་རེད། 

  启米翁姆:您觉得目前我们藏医发展的环境如何? 

  གཉའ་རྒྱལ་མཚན། ལོ་རྒྱུས་ཐོག་ནས་བལྟས་ན་ཕྱིའི་ཁོར་ཡུག་དེ་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་བཞིན་ཡོད། དཔེར་ན། ང་ཚོའི་དཀར་མཛེས་ཁུལ་གཅིག་པུར་ཆ་བཞག་ན། ༡༩༥༩ལོར་སྡེ་དགེ་ཕྱོགས་ན་སྨན་བཅོས་ཁང་ཞིག་ཡོད་པ་མ་གཏོགས་སྨན་ཁང་གཅིག་ཀྱང་མེད། ༡༩༧༨ལོར་སྡེ་དགེ་ནས་ཐེངས་དང་པོར་དཀར་མཛེས་ཁུལ་གྱི་བོད་སྨན་ཁང་བཙུགས་པ་རེད། ད་ལྟའི་གནས་ཚུལ་ཅི་འདྲ་ཞིག་རེད་ཅེས་ན། ཁུལ་སྤྱིའི་རྫོང་ཁག་བཅོ་བརྒྱད་ལ་བོད་ལུགས་སྨན་ཁང་བཅོ་བརྒྱད་ཡོད་པ་རེད། ཁུལ་རིམ་པའི་བོད་སྨན་ཁང་གཅིག ད་དུང་གྲོང་གསེབ་ཏུ་རྒྱལ་ཁབ་ཀྱིས་མཆོག་མཆན་ཐོབ་པའི་རྫོང་སར་སྨན་ཁང་གཅིག་སོགས་ཡོད། སྲིས་ཇུས་ཀྱི་ཐོག་ནས་བཤད་ན་ང་ཚོ་འཕེལ་རྒྱས་འགྲོ་བའི་གོ་སྐབས་ཡག་པོ་ཅིག་ཐོན་འདུག གཉིས་ནས་ས་གནས་སོ་སོས་དེ་ལ་རྒྱབ་སྐྱོར་བྱས་པའི་གོ་སྐབས་ཤིག་ཏུ་སླེབས་ཡོད། ང་ཚོའི་དཀར་མཛེས་ཁུལ་ལྟ་བུ་ཞིག་ཡིན་ན་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའིི་འཆར་གཞིའི་ནང་དུའང་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བའི་འཆར་གཞི་ཚུད་ཡོད། ད་དུང་གཞན་དེ་འདྲའི་འཆར་གཞི་མང་པོ་ཡོད་པ་རེད། དེ་འདྲ་བྱས་ན་སྤྱིའི་ཁོར་ཡུག་དེ་ཡིན་ན་ང་ཚོ་ལ་ཕན་ཐོགས་ཡོད་པ་ཞིག་ཏུ་ཆགས་ཡོད། 

  江吉村:从历史的角度来讲,藏医发展的环境越来越好了。比如我们甘孜,1959年在德格只有一家藏医门诊部,1978年在德格成立了甘孜州第一家藏医院。1980年后陆续各个县成立了藏医院,现在全州十八个县分别都有自己的藏医院。加上一家州级藏医院,还有一家民办藏医院(宗萨藏医院),从国家政策来讲藏医的发展机遇是前所未有的。目前各级政府都在支持藏医事业的发展,比如我们甘孜州的十三五规划中也有如何发展藏医事业的规划,类似还有许多规划,从这些方面都我们能看出总体上环境有利于藏医事业的发展。 

  འཆི་མེད་དབང་མོ། མཐུན་རྐྱེན་མང་པོ་ཞིག་སྐྲུན་ཡོད་པ་རེད། 

  启米翁姆:创造了许多有利的条件 

  གཉའ་རྒྱལ་མཚན།  ཡོད་ནི་རེད། 

  江吉村:是的 

  འཆི་མེད་དབང་མོ། ད་ཁྱེད་རང་ཡིན་ན་རིན་ཆེན་བཙོ་ཐལ་སྒྲིག་སྦྱོར་བྱས་པའི་རྒྱུད་འཛིན་པ་ཡིན་པའི་ཆ་ནས། མ་འོངས་པར་ང་ཚོའི་བོད་ལུགས་གསོ་རིག་འཕེལ་རྒྱས་སྐོར་ལ་རེ་བ་ཅི་འདྲ་ཡོད། 

  启米翁姆:您是仁青佐塔藏药制作的传承者,那么对我们将来的藏医发展有什么愿望? 

  གཉའ་རྒྱལ་མཚན།  ང་རང་ལྟ་བུ་ཡིན་ན་སྨན་པའི་བྱ་བ་ལས་ནས་ཕལ་ཆེར་ལོ་ངོ་ཉེར་བདུན་ཉེར་བརྒྱད་ལ་སླེབས་ཡོད། གཙོ་བོ་ང་རང་གི་སློབ་མ་དེ་ཚོ་ལ་ང་རང་ལ་ཡོད་པའི་ཡོན་ཏན་ཡིན་ན་འདྲ། དེ་ཚང་མ་ཇི་མ་ཇི་བཞིན་དུ་ང་རང་གི་སློབ་མ་ཚོ་ལ་བསླབ་ཐུབ་ན། རྗེས་མར་ཁོང་ཚོས་ནད་ལ་བལྟ་དགོས་ན་ལག་རྩལ་ཡོད་པ། སྨན་བཟོ་དགོས་ནའང་ལག་ལེན་བྱས་ཐུབ་པ་ལ་ཕན་ཐོགས་ན་བསམ། 

  江吉村:我本人从事藏医事业已有二十七八年了,期间我所积累的经验和知识希望能够如实传授给我的学生。这样,将来他们给群众看病或者制作药物都可以做到得心应手。 

  འཆི་མེད་དབང་མོ། ལོ་ལྔའི་རིང་ཁྱེད་རང་དམངས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཁྱེད་རང་གིས་དམངས་ཆེན་འཐུས་མའི་ལས་འགན་བསྒྲུབ་རྒྱུའི་ཐད་ལ་འཆར་གཞི་ཅི་ཞིག་ཡོད། 

  启米翁姆:未来五年,您对履行人大代表义务有什么计划? 

  གཉའ་རྒྱལ་མཚན།  བོད་རང་གི་རིག་གནས་སྐོར་ལ་ནུས་པ་གང་ཐོན་གྱིས་འོས་འགན་བསྒྲུབས་བསམ་གྱི་ཡོད། 

  江吉村:全力以赴致力于发展和传承本民族的文化 

微信图片_20180313122417.jpg

  འཆི་མེད་དབང་མོ།  ཐུགས་རྗེ་ཆེ། ང་ཚོ་ཡང་ཁྱེད་རང་ལ་ཡིད་ཆེས་ཡོད། དེ་བཞིན་དུ་འདི་ནས་ང་ཚོའི་དམངས་ཆེན་གྱི་འཐུས་མི་གཉའ་རྒྱལ་མཚན་ལགས་ཀྱིས་བཏོན་པའི་དགོངས་འཆར། ཡང་ན་རེ་བ་འདི་སྔ་ཙམ་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། དེ་བཞིན་དུ་ང་ཚོའི་གསོ་རིག་གི་ཙན་དན་སྡོང་པོ་འདི་ལ་ལོ་འདབ་རབ་ཏུ་རྒྱས་པ་དང་། བོད་ལུགས་ཀྱི་སྨན་པ་མང་པོ་ཞིག་གིས་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་འདི་རྒྱུད་འཛིན་ཐུབ་པ་མ་ཟད་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་རེ་བ་ཡོད། ཐུགས་རྗེ་ཆེ། 

  启米翁姆:谢谢!我们对您也有信心,在此祝愿人大代表江吉村的愿望能够早日实现,同时愿我们藏医这颗大树更加枝繁叶茂,希望更多的藏医医务人员传承和发扬传统文化,利济各族人民群众。谢谢! 

微信图片_20180313155900.jpg



记者:康巴卫视2018年全国两会全媒体报道组

康巴卫视微信公众号

相关阅读